Friday, March 13, 2020

ལ་འདི་བཀྲ་ཤིས་ལ་མོའི་ལ་གཞོལ་ན


ལ་འདི་བཀྲ་ཤིས་ལ་མོའི་ལ་གཞོལ་ན། །
ཤིང་ལ་འཁྲུངས་པ་ཨ་ར་བཱ་རུ་འཁྲུངས། །
འདི་ལ་འཁོར་བ་གསེར་བྱ་ཟུང་ཅིག་འཁོར། །
གསེར་བྱ་རང་ཡང་མི་སྡོད་འཕུར་འགྲོ་གེ །

ཡར་ཡར་ཆོས་འཁོར་ལྷ་སར་འཕུར་འགྲོ་གེ །
ཤཱཀྱ་མུ་ནི་ཞབས་སར་འཕུར་འགྲོ་གེ །
འདི་ཀྱིས་ཡབ་ཆེན་ཨ་པའི་ལས་འགྲིབ་དག །
གསེར་བྱ་རང་ཡང་བསམ་པ་འདི་གིས་རྫོགས། །

ལ་འདི་ཚེ་རིང་ལ་མོའི་ལ་གཞོལ་ན། །
ཤིང་ལ་འཁྲུངས་པ་བ་ལུ་སུ་ལུ་འཁྲུངས། །
འདི་ལ་འཁོར་བ་དངུལ་བྱ་ཟུང་ཅིག་འཁོར། །
དངུལ་བྱ་རང་ཡང་མི་སྡོད་འཕུར་འགྲོ་གེ །

ཡར་ཡར་ལྷོ་བྲག་དཀར་ཅུང་འཕུར་འགྲོ་གེ །
བླ་མ་ནམ་མཁའི་སྙིང་པོ་མཇལ་འགྲོ་གེ །
ཡུམ་ཆེན་ཨ་མའི་ལས་འགྲིབ་འདི་གིས་དག །
དངུལ་བྱ་རང་གི་བསམ་པ་འདི་གིས་རྫོགས། ། 

ཤར་རི་རྩེ་ནས་འབྱོན་པའི།


ཤར་རི་རྩེ་ནས་འབྱོན་པའི། །ནོར་བུ་ཆུ་ཤེལ་མེ་ཤེལ། །
འཛམ་གླིང་འོད་ཀྱིས་ཁྱབ་པ། །གླིང་བཞི་བསྐོར་བ་ལེགས་སོང་། །

སྨན་ལྗོངས་དབུས་ནས་འབྱོན་པ། །དཔལ་ལྡན་ས་ཡི་དབང་ཕྱུག །
ཆབ་སྲིད་འཁོར་ལོ་བསྒྱུར་བ། །ཞབས་པད་བརྟན་པ་ལེགས་སོང་། །

དག་པའི་ཞིང་ནས་འབྱོན་པའི། །བྱང་སེམས་མཁས་པའི་དབང་པོ། །
ཆོས་ཀྱི་བསྟེན་པ་དར་བས། །ཆོས་འཁོར་བསྐོར་བ་ལེགས་སོང་། །

ལྷ་དབང་ཡུལ་ནས་འབྱོན་པ། །བརྒྱ་བྱིན་ལྷའི་སྲས་པོ། །
སྐལ་བཟང་ ་ཉི མ་ཤར་བ། །གཟའ་དང་སྐར་མ་ལེགས་སོང་། །

དྲི་ཟའི་གླིང་ནས་འབྱོན་པ། །རྨད་བྱུང་ཡེ་ཤེས་མཁའ་འགྲོ། །
ཚངས་དབྱངས་ལྷ་མོར་མཉམ་པ། །གསུང་སྙན་འགྱུར་བ་ལེགས་སོང་། །

རིན་ཆེན་གླིང་ནས་འབྱོན་པ། །དེད་དཔོན་ནོར་བུ་བཟང་པོ། །
བ་མཛོད་ནོར་གྱིས་གང་བ། །རྟགས་དང་རྟེན་འབྲེལ་ལེགས་སོང་། །

ལྕ་ལོ་ཅན་ནས་འབྱོན་པ། །རྣམ་སྲས་ནོར་ལྷའི་རྒྱལ་པོ། །
གཡང་གི་དངོས་གྲུབ་ཐོབ་པ། །འདི་ ན་བཞུགས་པ་ལེགས་སོང་། །

བྱ་མོ་འཁོར་འདོད་མི་འཚོལ་འཁོར་འདོད་འཚོལ།


བྱ་མོ་འཁོར་འདོད་མི་འཚོལ་འཁོར་འདོད་འཚོལ། །
བྱ་མོ་འཁོར་འདོད་ཅན་གཅིག་ཚང་འཚོལ་དོ། །
ཚང་གཞན་དང་གཞན་ལུ་རང་མི་འཚོལ། །
ཤིང་དལ་ཤིང་སྐམ་པའི་རྩེ་ལུ་འཚོལ། །

སྒོང་རྡོ་ལྔ་གསུམ་བཅོ་ལྔ་བུད། །
བྱིའི་ཆུང་བཞི་གསུམ་བཅུ་གཉིས་འཐོན། །
བྱིའུ་ཆུང་ཤོག་སྒྲོ་མ་སྦྱར༌ལས། །
ཤིང་དལ་ཤིང་ར་ལས་བཅད་ཆེ་འདུག །

གདོང་ལན་གཅིག་མ་འགོར་སེམས་མ་ཚུགས། །
གདོང་ལན་གཅིག་ཡར་ལྟ་འགོར་བལྟ་ཚེ། །
རོགས་འཕགས་པའི་དགེ་འདུན་ཆོས་གནང་བསྡད། 
བྱ་མོ་རང་ཡང་ཆོས་ཤིག་ཞུ་དགོས་པས། །

བྱ་མོ་རང་ལ་སྒོམ་གཅིག་ཞུ་དགོས་པས། །
རོགས་མནོ་ཅན་མི་ལུ་ཆོས་མ་གནང་། །
ཁྱེད་མནོ་མེད་བྱ་ལུ་ཆོས་མི་གནང་། །
གདོང་ལན་གཅིག་མ་འགོར་སེམས་མ་ཚུགས། །

གདོང་ལན་གཅིག་མར་ལུ་འགོར་བལྟ་ཚེ། །
མར་རྒྱ་ཡི་པདྨ་དཔལ་ཐང་ནང༌། །
ཟས་ཞིམ་པའི་ཕྱག་ཞ་ཚོགས་སྡོད་འདུག །
བྱ་མོ་རང་ཡང་དགའ་ན་ད་དགའ་དོ། །
བྱ་མོ་རང་ཡང་སྐྱིད་ན་ད་སྐྱིད་དོ། ། 

Semgi Tshong Rey Chap སེམས་ཀྱི་ཚོང་རེ་རྐྱབ from Movie: Tsep Chhoelo


Image result for tsip choelo
གློག་བརྙན: རྩིསཔ་འཆོལ་ལོ།
གླུ་གཞས: སེམས་དང་སེམས་ཀྱི་ཚོང་རེ་རྐྱབ

 སྭོ་ཡ་ ས་འཛམ་གླིང་མིའི་ཚོང་འདི་ལུ།
ཨའེ་ སེམས་དང་སེམས་ཀྱི་ཚོང་རེ་རྐྱབ
རང་ནམ་བསྐོས་མ་ཚ་ལྷང་པའི་ནོབ།
ཚོང་ཉོ་ཚོང་ཁྱོད་དང་ཐབས་ཅིག་ང་།
ཁྱོད་ཁེབ་ས་གཞན་ལུ་སྤྲོད་མ་ད།


             སྭོ
་ཡ་ དབང་ཆེན་དཔོནམ་གྱིས་མ་གཏང་རུང་།
                   བླམ་སྡོ་ཅན་གྱིས་མཐུ་རྐྱབ་རུང་།
                   དམ་ཚིག་སེམས་ཀྱི་སྒྲོམ་ཅུང་འདི།
                   བུ་གཞན་ལུ་བདེ་མིག་བྱིན་མ་ཅུག།
                   ཁྱོད་ཟ་མའི་རྒྱན་ཆ་དམ་ཚིག་ཨིན།
                                                       ངེའི་ལུས་དང་སེམས་ཀྱི་ལྷ་ཁང་ནང་།
                                                       དད་ཅན་གྱི་གནས་སྐོརཔ་ཁྱོད་འཁོར་ཚེ།
                                                       གཏན་བྱིན་རླབས་ཅན་གྱི་ནང་གཏན་ཡང་།
                                                       ང་མཇལ་ཁ་མ་གཏང་ཐབས་མིན་འདུག། 
                                                       ཁྱོད་་བྱིན་རླབས་གཞན་ལས་ཞུ་མ་ད།
             གནམ་སེར་ཁ་ཚེ་པའི་པང་ཐང་ནང་།
             ཁམ་ཤིང་དང་སྣ་ལྔ་མེ་ཏོག་ཤར།
             གངས་ཁརཝ་ཡང་ཆུ་ལུ་འགྱུར་བའི་ཚེ།
             སྭོ་ཡ་ ང་སྡོད་ས་མ་ཆག་ཁྱོད་མཐོངམ་ད།
             སེམས་མཐུན་པའི་སྲུང་གཅིག་གཏང་གེ་ཤོག།
                                        
སྭོ་ཡ་ ས་འཛམ་གླིང་མིའི་ཚོང་འདི་ལུ།
ཨའེ་ སེམས་དང་སེམས་ཀྱི་ཚོང་རེ་རྐྱབ
ཐ་དམ་ཚིག་ཁྲོམ་བཤལ་རྐྱབ་མ་ད།
ངེའི་ཚེ་གཅིག་ཚོང་དཔོན་ཁྱོད་འབད་གནང་།