ང་རི་གནག་རྩེ་ལས་ཨཱུཝ་གཅིག་རྐྱབ་པ་ཅིན།།
ཁྱོད་གསེར་ཤོང་སྤང་ལས་ཨཱུཝ་ལན་འཇལ་འོང་ག།༢
ང་ལཱབ་རྩ་གུར་ལས་དར་ཅུང་གཡུག་པ་ཅིན།
ཁྱོད་གཡུས་ལས་འཛུམ་གདོང་ཤིགས་ཤིག་འབད་འོང་ག།༢
ཤིང་ལྷ་ཤིང་རྩན་ལྡན་རླུང་གིས་གཡབ་རུང་།།
ང་ཁྱོད་ཀྱིས་ཤོག་ཟེར་འབོ་བདྲེ་གནོ་འདི།།
ངེའི་དགའ་བའི་སེམས་ཀྱི་གོམ་པ་སྤོ་འགྱོ་དོ།།༢
ཡིད་ཁར་འོངས་བའི་ཁྱོད་ཀྱི་གཟུགས།།
ལྟ་བའི་མིག་གི་མ་ཐོང་རུང་།།
ཡང་ཅན་ལག་པ་མ་བཟུང་རུང།།
ངེའི་གནོ་བའི་དོན་ཧིང་བུག་ལུ་ལྷང་ལྷང་མས།།༢
ང་ནཱ་ལས་ཁྱོད་ལུ་ཟུར་མིག་ལྟ་བ་ཅིན།།
ཁྱོད་ཕར་ལས་རྣམ་འགྱུར་ཤིགས་ཤིག་འབད་འོང་ག།༢
ང་ཁྱོད་ལུ་དགའ་བའི་སྲུང་གཅིག་གཏང་པ་ཅིན།།
ཁྱོད་ང་ལུ་རྩེ་བའི་སྲུང་ལན་འཇལ་འོང་ག།༢
གསུང་ཧན་པའི་སྒྲ་སྙན་ཀྲོག་ས་གོ་རུང་།།
ཁྱོད་ང་ལུ་ཧིང་གཏམ་བཤདཔ་དྲེ་གནོ་འདི།།
སེམས་དགའ་བའི་གཏམ་དང་ལོ་གྱུ་ཤོར་མྱོ་དོ།།༢
བུམོ་ཁྱོད་བཞུགས་པའི་ས་ཁར་ལུ།།
ལ་དང་ལུང་གི་སྤྱད་རུང་རང་།།
ཆུ་ཆེན་བཟམ་པ་བརྒལ་འདི་གིས།།
སེམས་དགའ་བའི་ཧིང་གཏམ་བཤད་པར་འོང་དོ་མས།།༣
No comments:
Post a Comment