༄༅། །དགུང་དང་སྤྲིན་གྱི་མཚམས་ལ།།ཁྲི་གདུགས་ཡིད་བཞིན་ནོར་བུ།།
དགྲ་ལ་གཟའ་འཛིན་མེད་པ།།དགའ་བ་སྐྱིད་པོ་འདུག་གོ།
གངས་དང་གཡའ་མའི་མཚམས་ལ།།གངས་དང་སེང་ཆེན་དཀར་མོ།།
ཁ་བ་བུ་ཡུག་མེད་པ།།དགའ་བ་སྐྱིད་པོ་འདུག་གོ།
སྤང་དང་ནགས་ཀྱི་མཚམས་ལ།།སྤང་དང་ཤཝ་རྒོད་རྭ་བཅུ།།
དགྲ་ལ་ཤ་ཁྱི་མེད་པ།།དགའ་བ་སྐྱིད་པོ་འདུག་གོ།
ཡུལ་བཟང་ཁྲ་མོའི་ནང་ལ།།ཡུལ་དང་ཡབ་ཡུམ་གཉིས་ཀ།
ལུས་ལ་ན་ཚ་མེད་པ།།དགའ་བ་སྐྱིད་པོ་འདུག་གོ།
No comments:
Post a Comment