ཚིག་ བླ་མ་སྨོན་ལམ་རབ་བཟང་།
སྐད་འཐེན་མི་ བཅོ་ལྔ་ཚེ་རིང་། བསམ་གཏན་བཟང་མོ།
སྙན་ཆ་ འཇིགས་མེད་ཟླ་བ།
སྭོ་ཡ་ལ་ གཡུས་བཟང་རྐང་པར་ར་བ་ལ།།
ལ་ཞུགས་པའི་གཡུས་བཟང་ལ་ རྐང་པར་ཡ་ལ་ ར་བ།།
གནས་ནི་གནས་ཅིག་བཟང་བ་ལ།།
སྭོ་ཡ་ལ་ གནས་བཟང་འཆི་མེད་ཚེ་ཕུག་ལ།།
ལ་ཞུགས་པའི་གནས་བཟང་ལ་ འཆི་མེད་ཡ་ལ་ཚེ་ཕུག།
དགོན་ནི་དགོན་གཅིག་བཟང་བ་ལ།།
སྭོ་ཡ་ལ་ དགོན་བཟང་བསམ་གཏན་ཆོས་གླིང་ལ།།
ལ་ཞུགས་པའི་དགོན་བཟང་ལ་ བསམ་གཏན་ཡ་ལ་ཆོས་གླིང་།།
རྟེན་ནི་རྟེན་གཅིག་བཟང་བ་ལ།།
སྭོ་ཡ་ལ་ རྟེན་མཆོག་ཤྭཀྱ་མུ་ནི་ཞུ།།
ལ་ཞུགས་པའི་རྟེན་མཆོག་ལ་ ཤྭཀྱ་ཡ་ལ་མུ་ནི།།
ཞལ་ནི་ཞལ་གཅིག་ཚར་བ་ལ།།
སྭོ་ཡ་ལ་ ཞལ་བཟང་བལྟ་བས་མི་ངོམས་ལ།།
ལ་ཞུགས་པའི་ཞལ་བཟང་ལ་ བལྟ་བས་མི་ངོམ།།
བྱིན་ནི་བྱིན་གཅིག་ཆེ་བ་ལ།།
སྭོ་ཡ་ལ་བྱིན་རླབས་མཚུངས་པ་མིན་འདུག་ལ།།
ལ་ཞུགས་པས་བྱིན་རླབས་ལ་ མཚུངས་པ་ཡ་ལ་མིན་འདུག།
ལྷ་དང་མིའི་བླ་མ་ལ།།
སྭོ་ཡ་ལ་བཅོམ་ལྡན་ཤྭཀྱའི་རྒྱལ་པོ་ལ།།
ལ་ཞུགས་པའི་བཅོམ་ལྡན་ལ་ ཤྭཀྱའི་ཡ་ལ་རྒྱལ་པོ།།
མཚན་པའི་ཡོན་ཏན་རྫོགས་པ་ལ།།
སྭོ་ཡ་ལ་ དངོས་སུ་བཞུགས་པ་འདྲ་བྱུང་ལ།།
ལ་ཞུགས་པའི་དངོས་སུ་ལ་ ཞུགས་པ་ཡ་ལ་འདྲ་འབྱུང་།།
འཇིག་རྟེན་གསུམ་གྱི་འདྲེན་པ་ལ།།
སྭོ་ཡ་ལ་ཐམས་ཅད་མཁྱེན་པའི་གཙོ་བོ་ལ།།
ལ་ཞུགས་པའི་ཐམས་ཅད་ལ་ མཁྱེན་པའི་ཡ་ལ་གཙོ་བོ།།
ཐུབས་པ་འཇིག་མེད་སྐུ་ལ་ལ།།
སྭོ་ཡ་ལ་ གུས་པས་ཕྱག་ཅིག་འཚལ་ལོ་ལ།།
ལ་ཞུགས་གུས་པས་ལ་ ཕྱག་གཅིག་ཡ་ལ་འཚལ་ལོ།།།
Wow! Simply beautiful and great job! Keep going... spread love through songs and lyrics.
ReplyDelete