Monday, March 16, 2020

ཕར་གྱི་སྤང་གཤོང་བདེ་མོའི་ནང་ན་ལུ།


ཕར་གྱི་སྤང་གཤོང་བདེ་མོའི་ནང་ན་ལུ་ལ
མི་ལ་མཛེས་པའི་མེ་ཏོག་ཤར་སྟེ་འདུག་ལ།༢
མི་ལ་མཛེས་པའི་མེ་ཏོག་མེན་པས་ལོ་ལ།
དམ་ཚིག་ཅན་གྱི་གསེར་ཤོག་མེ་ཏོག་མས་ལ་།༢
མེ་ཏོག་རང་ལ་བཅག་པར་མ་ལྷོད་རུང་ལ།
དགའ་བའི་བུམོ་རོགས་ཕྱག་ལུ་ཕུལ་གནང་མས་ལ།༢
ཡང་ཅིན་མེ་ཏོག་མཆོད་གཤམ་ཁྲ་མོར་ཕུལ་ལ།
མེ་ཏོག་ལྷ་ལུ་ཕུལ་བའི་ཕན་ཡོན་ཡོད་ལ།༢
ཡར་ལ་སྙན་དར་སྤྱི་གཙུག་བཀལ་འདི་གི་ལ།
དད་པ་མོས་གུས་བསྐྱེད་བའི་ཕན་ཡོད་ཡོད་ལ།༢
རང་སེམས་ཧིང་ལས་དགའ་བའི་གཉེན་གྲོགས་ཁྱོད་ལ།
ཐག་རིང་རྒྱང་ལ་མ་སོང་གཏན་ཀྱང་བཞུགས་ལ།༢
ཐག་རིང་རྒྱང་ལུ་སོང་སྟེ་འབད་རུང་རང་ལ།
དམ་ཚིག་གཙང་མའི་ཐོག་ལས་བཞུགས་གནང་མས་ལ།༢
བློ་མཐུན་སེམས་མཐུན་གཉེན་གྲོགས་ང་བཅས་གཉིས་ལ།
ཉིམ་ནི་དྲོ་ས་ས་སྨུག་སྤུབ་མ་ཆི་ལ།༢
ཆུ་ནི་གསལ་ས་ཧོ་མ་སློང་མ་ད་ལ།
ཤ་དང་སེན་མོ་བྲལ་བའི་སྡུག་བསྔལ་ཡོད་ལ།༢



No comments:

Post a Comment