Monday, March 16, 2020

འོད་ཟེར་ཅན་གྱི་ཉི་མ།


འོད་ཟེར་ཅན་གྱི་ཉི་མ།༢
ལ་ཡི་རྒྱབ་ལུ་མ་འཛུལ།༢
༼ཉི་མ་ཁྱོད་ཀྱི་འོད་ཟེར་གྱི་སྨོ།
འཛམ་གླིང་མུན་པ་བསལ་དོ།༽༢
འོད་ཟེར་ཅན་གྱི་ཉི་མ།༢
ལ་ཡི་རྒྱབ་ལུ་མ་འཛུལ།༢


རང་སེམས་དགའ་བའི་སྨན་ཆུང་།༢
གཉིད་ལམ་ནང་ལུ་མཐོངམ་མས།༢
༼ཨ་རྟག་གཉིད་ལམ་ནང་ལུ་འོང་ནང་།
དྲན་པའི་སྡུག་བསྔལ་སངས་དོ།༽༢
རང་སེམས་དགའ་བའི་སྨན་ཆུང་།༢
གཉིད་ལམ་ནང་ལུ་འོང་གནང་།༢


བརྩེ་བ་ཅན་གྱི་ཆ་རོགས།༢
རྟག་བུ་སེམས་ཁར་དྲན་དོ།༢
༼ང་ལུ་མནོ་བསམ་བཏང་སྟེ་གི་སྨོ།
ཕྱག་ཡིག་ཕྲལ་ཕྲལ་བསྐྱལ་གནང་།༽༢
བརྩེ་བ་ཅན་གྱི་ཆ་རོགས།༢
བར་ཆད་མེད་པར་བཞུགས་བཅུག།༢

ཤ་རིགས་གཅིག་གི་སྤུན་ཚུ།༢
ཉིན་ནུབ་མེད་པར་དྲན་དོ།༢
༼མཐོང་ནི་མེད་པའི་ན་ཟུག་གི་སྨོ།
ཤ་རིགས་ཁྲག་གསུམ་སྐམ་དོ།༽༢
ཤ་རིགས་གཅིག་གི་སྤུན་ཚུ།༢
རྐྱེན་ངན་མེད་པར་བཞུགས་བཅུག།༤

No comments:

Post a Comment