སེམས་དགའ་དགའ་འདྲ་ཡི་སྨན་ཆུང་གཅིག།
ས་གཡུས་བཟང་འཕྲ་མོ་ཡོད་རུང་སྨོ།།
གནམ་དུས་བཞི་རིམ་གྱི་མཛོགས་པའི་ཚེ།།
༼རང་གཡུས་བཟང་ཕྱོགས་ལས་ཐལ་སྨྱོ་དོ།།༽༢
ཐོ་སྡོ་ཅོང་ལ་མོ་རྒྱལ་ཡི་ཚེ།།
ངེའི་ལེགས་པའི་སྨན་ཆུང་གཡུས་ལུ་ལུས།།
༼རང་མི་འགྱོ་མནོ་རུང་ལ་རྒྱལ་ཚེ།།
སེམས་མི་འཁྲུལ་མནོ་རུང་བློ་ཁོལཝ་མས།།༽༢
སེམས་ཆགས་པའི་སྨན་ཆུང་ལྷ་དང་འདྲ།།
རང་འདྲ་ཡི་འཛུམ་འཁྲུལ་མེད་ན་ཡང་།།
ཁྱོད་ཐབ་དང་གནས་སྐབས་གིར་འདེ་གིས།།
༼བུ་ངེའི་གི་ཕ་མར་འོང་གནང་མས།།༽༢
ས་ཐིམ་ཕུག་ཁྲོམ་ལུ་ལྷོད་པའི་ཚེ།།
ངེའི་ལེགས་པའི་ཡིད་འོངས་སེམས་ཁར་དྲེན།།
༼མོ་དྲེན་པའི་པར་ལོག་བལྟ་ཡི་ཚེ།།
སེམས་འཁྲུལ་ཡི་གླུ་གཅིག་ཁ་ལས་ཤོར།།༽༢
ལུས་ཐིམ་ཕུག་ཁྲོམ་ལུ་ལྷོད་སོང་རུང་།།
སེམས་གཡུས་བཟང་འཕྲམ་ལས་མ་ལྷོད་པས།།
གཟུགས་མེད་པའི་སེམས་འདི་རླུང་དང་འདྲ།།
༼རླུང་འདྲ་ཡི་སེམས་འདི་བཟུང་གནང་་མས།།༽༢
ཁྱོད་གཡུས་ལུ་ལུས་པའི་ཡིད་འོངས་མ།།
སེམས་གཞན་གྱི་དབང་ལུ་མ་ཤོར་བ།།
༼ལུས་དམ་ཚིགས་བཙང་མའི་ཐོག་ལས་ཞུག།།
ལས་རྣམ་བཀོད་ཟེར་རུང་འདི་རང་ཨིན།།༽༣
No comments:
Post a Comment