Friday, December 10, 2021

 

བློ་དཀར་སེམས་ཀྱི་མེ་ཏོག

ཆུང་འདྲིས་ཕྱོགས་ལ་བཞད་ནས།

ཆུང་འདྲིས་ག་འགྲོའི་ས་ལ།

སེམས་པའི་རྐང་ཆུང་ཤོར་སོང་།

སེམས་ལ་ཨ་ལ་བསམ་པའི་མི་དེ།

དཀར་གསལ་ཟླ་བ་འདྲ་ལ།

ནམ་མཁའི་དབྱིངས་སུ་བཞུགས་ཀྱང་།

ལས་འགྲོའི་ལམ་ཆུང་གསལ་ལ་འབྱུང་།

བརྩེ་གདུང་གི་ལམ་ཐག་རིང་ཡང་།

མི་ཚེ་ཚད་ལ་འཛིན་པས།

ལོ་དང་ཟླ་བ་གཉིས་ལ།

རིང་པོའི་སྣང་བ་མ་འབྱུང་།

མུན་པའི་ལས་ལ་འཛིན་པའི།

སྤྲིན་གྱི་ཡོས་པ་འཐེན་ཡང་།

ལས་འགྲོའི་ལམ་ཆུང་སྟེང་ལ།

ཟླ་འོད་སྒྲིབ་རྒྱུ་མི་ལ་འདུག

བློ་དཀར་སེམས་ཀྱི་མེ་ཏོག

ཆུང་འདྲིས་ཕྱོགས་ལ་བཞད་ནས།

ཆུང་འདྲིས་ག་འགྲོའི་ས་ལ།

སེམས་པའི་རྐང་ཆུང་ཤོར་སོང་།

སེམས་ལ་ཨ་ལ་བསམ་པའི་མི་དེ།

དཀར་གསལ་ཟླ་བ་འདྲ་ལ།

ནམ་མཁའི་དབྱིངས་སུ་བཞུགས་ཀྱང་།

ལས་འགྲོའི་ལམ་ཆུང་གསལ་འབྱུང་།

བརྩེ་གདུང་གི་ལམ་ཐག་རིང་ཡང་།

མི་ཚེ་ཚད་ལ་འཛིན་པས།

ལོ་དང་ཟླ་བ་གཉིས་ལ།

རིང་པོའི་སྣང་བ་མ་འབྱུང་།

མུན་པའི་ལས་ལ་འཛིན་པའི།

སྤྲིན་གྱི་ཡོས་པ་འཐེན་ཡང་།

ལས་འགྲོའི་ལམ་ཆུང་སྟེང་ལ།

ཟླ་འོད་སྒྲིབ་རྒྱུ་མི་ལ་འདུག

བརྩེ་གདུང་གི་ལམ་ཐག་རིང་ཡང་།

མི་ཚེ་ཚད་ལ་འཛིན་པས།

ལོ་དང་ཟླ་བ་གཉིས་ལ།

རིང་པོའི་སྣང་བ་མ་འབྱུང་།

མུན་པའི་ལས་ལ་འཛིན་པའི།

སྤྲིན་གྱི་ཡོས་པ་འཐེན་ཡང་།

ལས་འགྲོའི་ལམ་ཆུང་སྟེང་ལ།

ཟླ་འོད་སྒྲིབ་རྒྱུ་མི་ལ་འདུག

ཟླ་འོད་སྒྲིབ་རྒྱུ་མི་ལ་འདུག

 

 

 

No comments:

Post a Comment