Monday, March 16, 2020

ཆུམོ་གཙང་ཆུ་འགྱོ་སའི་བརྐ་གུ་ལས།

ཆུམོ་གཙང་ཆུ་འགྱོ་སའི་བརྐ་གུ་ལས།
ཤིང་མི་སྐྱེས་མནོ་བ་ལ་ཤིང་གཅིག་སྐྱེས།
བྱ་མི་འཁོར་མནོ་བ་ལ་བྱ་གཅིག་འཁོར།
རང་ཤིང་དང་བྱི་ཅུང་གཉིས་ཀུ་སྨོ།
རང་སྔོན་ཐོག་འཕྱད་པའི་ལ་བསྒང་ལས་རང་།
ཨའི་མི་བྲལ་གཏམ་གྱི་ལ་ཁ་ཚིག་ཡོད།
རང་རླུང་མ་གཡོ་རྒྱུ་བཀང་ཚེ་སྨོ།
ཨའི་མ་བྲལ་བྱ་ཐབས་ལ་མིན་འདུག་ལོ།༢

ཡར་རྩེ་མོ་རླུང་གི་དཀྲོག་སྟེ་གིས།
ཨའི་བྱི་ཅུང་བོད་ཁར་ལ་འཁོར་དོ་ལོ།༢
མ་རྩ་བར་ཆུམོ་གི་འཁྱིལ་འདི་གིས།
རྩཝ་ཡལ་འདབ་བྱ་ཡུལ་ལ་འཁོར་དོ་ལོ།༢
རྩེམོ་བྱི་ཅུང་བོད་ཁ་འཁོར་འདི་ལོག།
རྩཝ་ཡལ་འདབ་བྱ་ཡུལ་ལ་འཁོར་འདི་ལོག།༢
རང་ཤིང་དང་བྱི་ཅུང་གཉིས་ཀུ་སྨོ།
ཚེ་ལན་གཅིག་འཛོམས་པའི་ལ་སྨོན་ལམ་འདི།
ཡར་ལྷ་ཤིང་རྩེ་མོར་ལ་བཏབ་གེ་སྨོ།
ཡར་ལྷ་ཤིང་རྩེ་མོར་ལ་བཏབ་གེ་སྨོ།
ཡར་ལྷ་ཤིང་རྩེ་མོར་ལ་བཏབ་གེ་སྨོ།

No comments:

Post a Comment