ལེགས་བུམོ་ཁྱོད་རང་ལེགས།
།བྱ་བུམོ་ཁྱོད་རང་བྱ།།
ག་ཏེ་ཟུར་ལས་ལྟ་རུང་།
།བུམོ་ཁྱོད་རང་མཛེས་པས།།༢
དུས་བརྟན་ཀྱང་ཤར་བའི་ཟླཝ་ཁྱོད་ཨིན་ཟེར་བ་ཅིན།།
གནམ་ཉིན་མའི་ཉིན་མ་ང་མི་ལྟ།།
ཡར་དཀོན་མཆོག་གིས་བསོལ་བ་ཁྱོད་དང་ང་འབད་ཟོ་རུང་།།
དུས་ད་རེའི་དགའ་བ་ནཱ་ཆམ་གེ།༢
བུ་ཁྱོད་ཀྱི་ཞལ་ལས་གཏམ་འདི་བཟུམ་ཐོནམ་ད་ལུ།།
ཧ་ལས་པའི་སེམས་འདི་ཁྱོད་ལུ་ཆག་འདི་རངའགྱོཝ་མས།།
བུམོ་ཁྱོད་ཀྱིས་གནམ་འགྱུར་འདི་བཟུམ་ཏོནམ་ད་ལུ།།
ཧ་ལས་པའི་གཟུགས་ཀྱིས་འཕམ་གཅིག་ལྟབ་ནི་རང་འཚོལཝ་མས།།
ངེའི་སེམས་ཀྲོག་འདི་བཞག་མི་ཁུ་ཇུ་ཁྱོད་རང་མས།།༢
ལེགས་བུ་ཁྱོད་རང་ལེགས།། བྱ་བུམོ་ཁྱོད་རང་བྱ།
ག་ཏེ་ཟུར་ལས་ལྟ་རུང་།།
བུ་ཁྱོད་རང་ལེགས་པས།།
ག་ཏེ་ཟུར་ལས་ལྟ་རུང་།།
བུམོ་ཁྱོད་རང་ལེགས་པས།།
ཁྱོད་ས་རི་ལེགས་པའི་ཞལ་འདི་མཐོངམ་ད་ལུ།། ཡར་ཡེ་ཤེས་ཁ་འགྲོ་མཇལ་མཇལཝ་བཟུམ་སྦེ་རང་མཇལཝ་མས།
ཁྱོད་ས་རི་ལེགས་པའི་གཟུགས་འདི་མཐོངམ་ད་ལུ།། ཡར་ལྷའི་སྲེས་དང་དངོས་སུ་མཇལ་དོ་བཟུམ་ཟོཝ་མས།
ངེའི་སེམས་ཀྲོག་འདི་ཞག་མི་ཁུ་ཇུ་ཁྱོད་རང་ཨིན།།
ངེའི་སེམས་ཀྲོག་འདི་ཞག་མི་ཁུ་ཇུ་ཁྱོད་རང་མས།
No comments:
Post a Comment