Monday, March 16, 2020

གནས་འདི་ནས་ཕར་ལ་མཇལ་ཙ་ན། །


གནས་འདི་ནས་ཕར་ལ་མཇལ་ཙ་ན། །
ཕ་ཨོ་རྒྱན་པདྨའི་གདན་ས་ཡིན། །
བྲག་ཤེལ་དཀར་བྲག་ལ་སྐུ་རྗེས་ཆགས། །
མཚན་ཡོངས་གྲགས་སྐུ་རྗེས་ལྷ་ཁང་མཇལ། །
ཡིད་མོས་གུས་གདུང་བས་གུས་ཕྱག་འཚལ། །
ཕ་མཆོག་གི་དངོས་གྲུབ་བཙལ་དུ་གསོལ། །

གནས་འདི་ནས་མར་ལ་མཇལ་ཙ་ན། །
ཕ་རྒྱལ་བ་བྱམས་པ་མགོན་པོ་ཡིན། །
ཐང་བུམ་པའི་ཐང་ལ་གདན་ས་ཆགས། །
མཚན་ཡོངས་གྲགས་བྱམས་པ་ལྷ་ཁང་མཇལ། །
ཡིད་མོས་གུས་གདུང་བས་གུས་ཕྱག་འཚལ། །
ཕ་མཆོག་གི་དངས་གྲུབ་བཙལ་དུ་གསོལ། །

གནས་འདི་ནས་བལྟས་པས་ནུབ་རི་རྒྱབ། །
ཡུལ་ངའི་གླིང་ཀ་སྟོད་འདྲ་མཐོང་། །
མིང་ཡོངས་གྲགས་ཀུན་བཟང་ཆོས་གླིང་གྲགས། །
ཕ་སྐུ་དྲིན་ཅན་གྱི་བརྩེ་བ་དྲན། །
མ་འཇམ་སྐྱོངས་ཅན་གྱི་བྱམས་པ་དྲན། །
སྤུན་བརྩེ་གདུང་ཅན་གྱི་བརྩེ་འདྲ་ན། །

ཡུལ་ཕ་སྤུན་ཕུན་སུམ་ཚོགས་པའི་གླིང་། །
དུས་དེང་སང་འཇའ་ཚོན་འཁྱིལ་བ་འདྲ། །
དཔེ་དེས་ཀྱང་དམ་པའི་ལྷ་ཆོས་དྲན། །
བཀའ་ཟབ་མོའི་ཆོས་འཁོར་བསྐོར་བ་འདྲ། །

No comments:

Post a Comment