སྭ། གནམ་ལས་ཤར་བའི་སྐར་མ་ཁྱོད་འདྲ་ཚོ། །
འཛོམས་པའི་ནང་དུ་སུ་དང་སུ་མི་བཞུགས། །
མིག་ལ་མཛེས་པ་སྐར་མ་སྨིན་དྲུག་མཛེས། །
དྲོད་ཉམས་སྐྱོང་ན་ཁྲི་གདུགས་ཉི་མས་སྐྱོངས། །
སྭོ། །སྤང་ལས་ཤར་བའི་མེ་ཏོག་ཁྱོད་འདྲ་ཚོ། །
འཛོམས་པའི་ནང་དུ་སུ་དང་སུ་མི་བཞུགས། །
མིག་ལ་མཛེས་པ་ཧ་ལོའི་མེ་ཏོག་མཛེས། །
ལྷ་ལ་ཕུལ་ན་སེར་ཤིག་མེ་ཏོག་ཕུལ། །
སྭ། །ཨ་མའི་ཁོང་ལས་ཤར་བའི་ཁྱོད་འདྲ་ཚོ། །
འཛོམས་པའི་ནང་དུ་སུ་དང་སུ་མི་བཞུགས། །མི
ག་ལ་མཛེས་པ་ཤེས་ལྕམ་འབྲོག་མོ་མཛེས། །
ཐར་པའི་ལམ་དུ་ཨ་ཞེ་སྣང་ས་དྲོངས། །
སྭ། །རྫོང་ཆེན་མས་ལས་ཤར་བའི་ཁྱོད་འདྲ་ཚོ། །
འཛོམས་པའི་ནང་དུ་སུ་དང་སུ་མི་བཞུགས། །
མིག་ལ་མཛེས་པ་ཆབ་བླུགས་དགེ་སློང་མཛེས། །
ལྗང་ལ་དགྲ་འདུལ་གེ་སར་རྒྱལ་པོས་བརྟུལ། །
No comments:
Post a Comment