ཤོར་སོང་ནུག་ཤོར་སོང་ནུག་བུམོ་ངེ་གི་སེམས་འདི་སྨོ།།
བུ་ཁྱོད་མཐོངམ་ད་བུམོ་ངེའི་སེམས་འདི་ཤོར་སོང་ནུག།
ཁྱོད་ཁ་མཆུ་མེ་ཏོག་པདྨ་བཟུམ་ནང་ལས།།
ཨའེ་ཧིང་གཏམ་སྦྲང་རྩི་བཟུམ་སྦེ་བཤད་པའི་ཚེ།།
འབག་མ་ཆགས་འབག་མ་ཆགས་ངིའི་གི་སེམས།།
ངེའི་སེམས་ངེའི་སེམས་འབག་མ་ཆགས།།
ཨོ་ཧོ་ ཧོ་ཧོ་ ཧོ་ཧོ་་་
ཨ་ཧ་ཧ་ ཧ་ཧ་ ཧ
ཧམ་་་་་་་་་ ཧམ་་་་་་་་་ ཧམ་་་་་་་་་
ཁྱོད་ལེགས་པའི་མེ་ཏོག་པདྨ།།
ཨའེ་མཛེས་ཆ་འགྱུར་བ་མ་གནང་།།
ལོ་རྒྱ་དང་ལྡན་པའི་སྦྲང་རྩི།།
ཨའེ་སེརཔ་སྦྱངམ་གཞན་གྱིས་མ་སྤྱོད།།
ཨའེ་དམ་ཚིག་ཡིད་བཞིན་ནོར་བུ།།
ཨོ་ཧོ་ ཧོ་ཧོ་ ཧོ་ཧོ་་་
ཧིང་གི་ལྡིང་ལུ་བཞག་གནང་།།༽༢
ལན་གནང་མས་ལན་གནང་མས་བུམོ་ངེ་གི་སེམས་འདི་སྨོ།།
བུ་ཁྱོད་དགའ་བའི་རྩེ་བ་གི་སྦེ་ལན་གནང་མས།།
ཁྱོད་ལེགས་པའི་གདོང་གི་དགའ་མཛུམ་འདི་གིས་སྦེ།།
མི་གཞན་གྱི་ཡིད་དབང་འཕྱོག་པའི་ཉན་ཁ་འདུག།
འབག་མ་ཆགས་འབག་མ་ཆགས་ངེའི་གི་སེམས།།
ངེའི་སེམས་ངེའི་སེམས་འབག་མ་ཆགས།།
ཨོ་ཧོ་ ཧོ་ཧོ་ ཧོ་ཧོ་་་
ཨ་ཧ་ཧ་ ཧ་ཧ་ ཧ
ཧམ་་་་་་་་་ ཧམ་་་་་་་་་ ཧམ་་་་་་་་་
ངེའི་ཧིང་གི་གྱིབ་མ་བུ་ཁྱོད།།
ཨའེ་ཐུགས་སེམས་གཞན་ལུ་མ་གཡོ།།
ནོར་ལོངས་སྤྱོད་འཛོམས་པའི་དགའ་བ།།
ཨའེ་ཁྱོད་ཀྱི་དོན་ལུ་བཞག་ནི།།
ངེའི་སེམས་ཀྱི་འཛམ་གླིང་ནོར་བུ།།
ཨོ་ཧོ་ཧོ་ ཧོ་
བུ་ཚུ་ཁྱོད་ལུ་ཕུལ་ནི།།༽༣
No comments:
Post a Comment